ལག་ཁྱེར་གཉིས་པ་དང་གསུམ་པ་ གཙུག་ལག་འོག་མའི་དོན་ལུ་ རྫོང་ཁའི་ཆོས་ཚན་སྒྲིག་ལམ་ ཡིག་སྦྱོར་དང་ ཡིག་བསྐུར་རྣམ་གཞག བསམ་སྤྱོད་ལམ་སྟོན་ཚུ་ཡོདཔ་ཨིན།
སློབ་སྦྱོང་དམིགས་ཡུལ།
· དཔལ་ལྡན་འབྲུག་པའི་ངོ་སྤྲོད་དང་ སྒྲིག་ལམ་ཆོས་གསུམ་གྱི་སྐོར་ལས་ ཧ་གོ་སྟེ་དུས་རྒྱུན་ལག་ལེན་འཐབ་ཚུགས་ནི།
· རྫོང་ཁའི་སྐད་ཡིག་གི་རིག་རྩལ་ཡར་རྒྱས་གཏང་ཚུགས་ནི།
· རྫོང་ཁའི་ཡི་གུའི་སྦྱོར་བ་ཚུ་ལེགས་ཤོམ་སྦེ་ཤེས་ཚུགས་ནི།
· ནང་པའི་ཆོས་ཀྱི་གོ་དོན་དང་ལེགས་བཤད་ཚུ་ཧ་གོ་སྟེ་བསམ་སྤྱོད་ལེགས་སྤྱོད་འབད་ཚུགས་ནི།
· ཐ་དམ་ཚིག་དང་ལས་རྒྱུ་འབྲས་ཀྱི་སྐོར་ལས་ ལེགས་ཤོམ་སྦེ་ཧ་གོ་སྟེ་རྩ་བ་གསུམ་ལུ་ ཤ་ཞེན་གྱི་ཐོག་ལས་ ཕྱག་ཕྱིད་ཞུ་ཚུགས་ནི།
- Teacher: Sherab Tenzin